མི་རྒྱུད་བདག་གཅེས།

མི་རིགས་འདྲ་མིན་ལས་གྲུབ་པའི་སྤྱི་ཚོགས་ཆིག་སྒྲིལ།

                            མ་འོངས་པར་སྒོ་མོ་ཕྱེ་བ།

ང་ཚོའི་འཆར་སྣང་།

The Office of Multilingual and Global Education ༼སྐད་རིགས་སྣ་ཚོགས་དང་འཛམ་གླིང་ཤེས་ཡོན་ལས་ཁུངས།༽ནས་
ས་གནས་དང་འཛམ་གླིང་ནང་སྐད་དང་རིག་གཞུང་འདྲ་མིན་ཡོད་པའི་སྤྱི་ཚོགས་ཤིག་ནང་སློབ་ཕྲུག་ཚང་མ་འགན་འཁུར་རྐང་ལེན་ཐུབ་པ་ཡོང་
བའི་དམིགས་སྣང་བྱེད་ཀྱི་ཡོད།

ང་ཚོའི་ཁྱད་ཆོས།

The Office of Multilingual and Global Education ༼སྐད་རིགས་སྣ་ཚོགས་དང་འཛམ་གླིང་ཤེས་ཡོན་ལས་ཁུངས།༽ ནས་སློབ་
ཕྲུག་རེ་རེའི་སྐད་དང་རིག་གཞུང་འདྲ་མིན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རིན་ཐང་བརྩི་ཡི་ཡོད། སློབ་ཕྲུག་ཚོར་ཐོབ་ཐང་འདྲ་མཉམ་ཐོག་སྐད་རིགས་
འདྲ་མིན་དང་། རིག་གཞུང་འདྲ་མིན། འཛམ་གླིང་སྤྱིའི་ཤེས་ཡོན་ཐོབ་ཐང་སྤྱི་མཚུངས་སྤྲད་པའི་རིན་ཐང་འདི་དག་ང་ཚོའི་སྡེ་ཚན་འདིའི་ལས་
ཀ་བྱེད་ཕྱོགས་ནས་གསལ་པོ་མཁྱེན་ཐུབ། ལས་དོན་འདི་དག་འབྲེལ་ཡོད་ཚང་མས་སྤྱི་ཚོགས་འབྲེལ་ལམ་དང་འཁུར་མཉམ་ལེན་གྱི་ཐོག་ནས་
ནུས་ཤུགས་ཆེ་རུ་བཏང་ཡོད།


སློབ་ཕྲུག་ཚང་མ་སྐད་རིགས་སྦྱོང་མཁན་དང་སློབ་དགེ་ཚང་མ་སྐད་རིགས་སློབ་ཁྲིད་བྱེད་མཁན་ཡིན་པ་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། སློབ་ཕྲུག་
ཚང་མར་སོ་སོའི་རིག་གཞུང་དང་སྐད་རིགས་ཀྱི་ངོ་བོ་ཡོད་པ་དང་དེ་དག་ལ་རིན་ཐང་རྩིས་ཏེ་ཡར་རྒྱས་གཏོང་དགོས་པ་ང་ཚོས་ཡིད་ཆེས་བྱེད་
ཀྱི་ཡོད། སློབ་ཕྲུག་ཚང་མར་ཕྱོགས་ལྷུང་མེད་པའི་སློབ་སྦྱོང་གི་གོ་སྐབས་ཡོད་པ་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། སློབ་ཕྲུག་ཚང་མ་དབྱིན་སྐད་
དང་སྐད་གཞན་གཅིག་གམ་མང་བ་སྔོན་འཚུད་ནས་སྦྱོང་རྒྱུའི་གོ་སྐབས་ཡོད་པ་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། སློབ་ཕྲུག་ཚང་མར་སྐད་དང་རིག་
གཞུང་འདྲ་མིན་གྱི་རྒྱབ་སྦྱོང་ཡོད་པ་ངོས་ལེན་ཡོད་པའི་སློབ་གྲྭའི་འཁོར་ཡུག་གཅིག་པ་ང་ཚོས་ཡིད་ཆེས་བྱིད་ཀྱི་ཡོད། སློབ་ཕྲུག་ཚང་མས་རིག་
གཞུང་ནང་ཁུལ་གྱི་གནས་སྟངས་ཤེས་ཏེ་ས་གནས་དང་འཛམ་གླིང་སྤྱི་ཚོགས་ནང་མཉམ་བགྲོས་ཐུབ་པ་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། སློབ་ཕྲུག་
ཚང་མ་ཤེས་ཡོན་ལ་དོ་སྣང་དང་རིན་ཐང་བརྩི་མཁན་གྱི་སྤྱི་ཚོགས་ཤིག་ནས་ཡོང་བ་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད།

ང་ཚོའི་བསྒྲུབ་བྱའི་དོན་གནད།

The Office of Multilingual and Global Education ༼སྐད་རིགས་སྣ་ཚོགས་དང་འཛམ་གླིང་ཤེས་ཡོན་ལས་ཁུངས་༽ ནས་དབྱིན་
སྐད་སྦྱོང་མཁན་ཚོའི་ཤེས་ཡོན་དབུས་དང་མངའ་སྡེའི་སྒྲིག་གཞི་དང་སྟབས་བསྟུན་རྗེས་འབྲང་བྱེད་རྒྱུ་དང་། དེ་བཞིན་སློབ་ཕྲུག་རྣམས་སྐད་
རིགས་དང་རིག་གཞུང་འདྲ་མིན་ཐོག་ནུས་པ་ལྡན་པ་ཞིག་ཡོང་བར་རྫོང་གི་ནུས་སྟོབས་རྒྱས་པ་དང་ཚང་མས་འཁུར་མཉམ་ལེན་དགོས་པ་ཡིན།
སློབ་ཕྲུག་ཚོ་ནུས་པ་དང་ལྡན་པའི་འཛམ་གླིང་གི་མི་སེར་ཡོང་བའི་ནུས་སྟོབས་སྤེལ་བར་ང་ཚོས་འབད་བརྩོན་ལྷོད་མེད་་བྱེད་པཿ
སྐད་སྦྱོང་མཁན་སློབ་ཕྲུག་ཚང་མར་བརྩི་མཐོང་བྱེད་པའི་གོམས་སྲོལ།
ང་ཚོས་སློབ་ཕྲུག་ཚང་མ་སྐད་སྦྱོང་མཁན་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། སློབ་ཁྲིད་ཀྱི་ནང་དོན་ལ་དམིགས་བཀར་སྐད་ཁྲིད་ནས་དེ་དག་སྦྱོང་
བདར་གཙོ་བོའི་ཁོངས་འཚུད་པ་བྱེད་རྒྱུ། སྐད་རིགས་འདྲ་མིན་ཕྱུག་པོ་ཡོད་པའི་ང་ཚོའི་སློབ་ཕྲུག་ཚོ་གཞི་རྩར་བཞག་པའི་ཐོག་ང་ཚོས་ཡར་རྒྱས་
གཏོང་གི་ཡིན།


རིག་གཞུང་འདྲ་མིན་ཐོག་འཚོར་སྣང་དང་། ཚད་དང་ལྡན་པ། གུས་བརྩི།
ང་ཚོའི་སློབ་ཕྲུག་ཚོ་དང་ཁོང་ཚོའི་ནང་མིའི་རིག་གཞུང་གི་རྒྱབ་ལྗོངས་ལ་ང་ཚོས་གུས་བརྩི་དང་དོ་སྣང་བྱེད་ཀྱི་ཡོད། ང་ཚོས་ལས་བྱེད་ཚོར་
རིག་གཞུང་འདྲ་མིན་ཐོག་ཤེས་འཇོན་དང་། རིག་གཞུང་དང་འབྲེལ་བའི་བྱེད་སྲོལ་ཁག་ཡག་པོ་ཤེས་པ་བྱེད་རྒྱུར་སྦྱོང་བདར་སྤྲོད་ཀྱི་ཡོད།


རེ་བ་ཆེན་པོ་བྱེད་པའི་གོམས་སྲོལ་ཞིག
སློབ་ཕྲུག་ཚོའི་སྐད་དང་རིག་གཞུང་འདྲ་མིན་ལ་མ་ལྟོས་པར་ང་ཚོས་ཤེས་ཡོན་ཐོག་གྲུབ་འབྲས་ཆེན་པོ་ཐོན་པའི་རེ་བ་གོང་མཐོར་གཏོང་གི་ཡོད།
སྐད་ཡར་རྒྱས་ཐོག་དོ་སྣང་སྤྲད་དེ་སློབ་ཕྲུག་ཚོ་རང་སྐྱ་འཕེར་བ་དང་མི་ཚེ་གང་ཚང་སློབ་སྦྱོང་ལ་དོ་སྣང་བྱེད་པའི་ང་ཚོས་ཤེས་ཡོན་དང་གོ་སྐབས་
སྤྲོད་ཀྱི་ཡོད། དམིགས་ཡུལ་འདི་དག་སྒྲུབ་པར་ང་ཚོས་ཤེས་ཡོན་ཚད་ལྡན་གྱི་སློབ་དགེ་བསྐོ་གཞག་དང་ཁོང་རྣམས་ཉར་ཚགས་བྱེད་ཀྱི་ཡོད།


ཚད་ལྡན་ཆེད་ལས་ཡར་རྒྱས་གོམས་སྲོལ་ཞིག
ང་ཚོས་ལས་འཆར་དང་། སློབ་དགེ་དང་སློབ་ཕྲུག་བཅས་ལ་ཕན་པའི་ཉམས་ཞིབ་དང་འབྲེལ་བའི་ཚད་མཐོའི་ཕན་ཐོགས་ཡོད་པའི་ཆེད་ལས་
སྦྱོང་བདར་སྤྲོད་ཀྱི་ཡོད། སྦྱོང་བདར་ལ་ཆ་ཤས་ལེན་མཁན་ཚོ་ཆེད་ལས་སློབ་སྦྱོང་བྱེད་པའི་སྤྱི་ཚོགས་ནང་ཧུར་བརྩོན་ཅན་གྱི་ཚོགས་མི་ཞིག་
ཆགས་ཀྱི་ཡོད། འགྲོ་བཞིན་པའི་ཆེད་ལས་པའི་སྦྱོང་བདར་ནང་སྐད་དགོས་མཁོའི་གཞུང་ལུགས་དང་། གཞི་རྩའི་སློབ་ཁྲིད་ཀྱི་ཤེས་ཡོན།
སློབ་ཁྲིད་རིམ་པའི་ཐབས་ལམ། མཉམ་སྤྱོད་ལག་བསྟར་བཅས་འཚུད་ཀྱི་ཡོད།


དབྱེ་མེད་ཁོངས་སུ་བརྩི་བ་དང་སྦྱོང་བའི་གོམས་སྲོལ།
སློབ་ཕྲུག་སུ་ལའང་་ཕྱོགས་ལྷུང་མེད་ཅིང་འདྲ་མཉམ་གྱི་ཤེས་ཡོན་ཉམས་མྱོང་སྤྲོད་པར་ང་ཚོས་གནད་སྨིན་ཅིང་རྒྱུན་འཁྱོངས་བའི་འགྲོ་ལུགས་བཟོ་
བར་འགན་འཁུར་མཁན་ཚོའི་ནུས་པ་ཡག་ཏུ་གཏོང་གི་ཡོད། འདིའི་ནང་སློབ་ཕྲུག་ཚོར་རན་འཚམས་ཀྱི་མཐུན་རྐྱེན་དང་ཚད་ལྡན་སློབ་སྦྱོང་ཉམས་
མྱོང་ལྡན་པའི་ལས་ཁྲི་མིག་སྟོན་དང་འབྲེལ་ལས་འཆར་སྤྲོད་དགོས། སློབ་ཕྲུག་ཚོ་དང་ཁོང་ཚོའི་ནང་མི་ཚོས་འདྲ་མཉམ་ཀྱིས་མཉམ་རུབ་བྱས་ཏེ་ཆ་
ཤས་ལེན་དགོས།


སྐད་ཡར་རྒྱས་གཏོང་ཆེད་མཉམ་རུབ་ཀྱི་གོམས་སྲོལ།
སློབ་ཕྲུག་ཚོའི་སྐད་ཡར་རྒྱས་གཏོང་བར་ང་ཚོས་འཁུར་མཉམ་ལེན་བྱེད་ཀྱི་ཡོད། འདིའི་ཐོག་ད་ལྟ་འགྲོ་བཞིནཔའི་སློབ་ཕྲུག་གི་སྐད་མཐར་ཐོན་
དང་སྦྱོང་བྱའི་ནང་དོན་ཐོག་མཉམ་སྤྱོད་ཀྱི་གདོང་ལེན་དགོས་པ་ཡིན། སློབ་ཕྲུག་ཚོའི་སྐད་ཡར་རྒྱས་འགྲོ་བར་གནས་བསྡུས་རིའུ་མིག་ཁག་སློབ་
ཁྲིད་བེད་སྤྱོད་བྱེད་ཀྱི་ཡོད། སློབ་ཁྲིད་སྐབས་ཀུན་ཁྱབ་ཤེས་ཡོན་སྒྲོམ་གཞི་སོར་གནས་ཐོག་རྒྱུད་འཛིན་སྐད་ཀྱི་རོགས་སྐྱོར་དང་དམིགས་
བཀར་སྐད་ཡར་རྒྱས་ཐོག་སླེབསཐུབ་པ་ངེས་པར་དགོས།