དབྱིན་སྐད་གཉིས་པར་འཛིན་པའི་ལས་གཞི་དང་སྐད་གཉིས་ཤེས་ཡོན་ཞབས་ཞུ།


ཝི་སི་ཀོན་སིན་མངའ་སྡེའི་ཁྲིམས་ཡིག་ ༡༡༥་༩༦ ༼དབྱིན་སྐད་གནས་ཚད་ཞན་པའི་སློབ་ཕྲུག་གི་གྲངས་ཐོ་ནང་གསལ་ “སློབ་འཇུག་
མིང་ཐོ་འགོད་སྐབས་སློབ་ཕྲུག་སོ་སོའི་ནང་སྐད་གང་ཡིན་ལྟ་ཞིབ་བྱེད་པ་དང་། ལས་ཁུངས་ནས་གཏན་འབེབས་བྱས་པའི་དབྱིན་སྐད་གནས་
ཚད་དཔྱད་ཞིབ་བྱས་པ་གཞི་བཟུང་སློབ་གྲྭའི་འགན་འཛིན་ལྷན་ཚོགས་རེ་རེས་སློབ་གྲྭའི་རྫོང་ཁོངས་དབྱིན་སྐད་ཞན་པའི་སློབ་ཕྲུག་ཚོ་ངོས་བཟུང་
དགོས་པ་ཡིན།”དཔྱད་གཞིའི་ཆེད་སློབ་ཕྲུག་འདེམས་ཕྱོགས་ཐད་ཁང་པར་སྐད་ག་རེ་རྒྱབ་ཀྱི་ཡོད་པའི་ཆ་རྐྱེན་ཁག་གི་འགྲེལ་བཤད་་འདི་ལྟརཿ


དབྱིན་སྐད་མ་ཡིན་པའི་སྐད་གཞན་ཞིག་ཐོག་འབྲེལ་བ་བྱེད་མཁན་སློབ་ཕྲུག་ཚོ།
ཁང་ཁྱིམ་དུ་དབྱིན་སྐད་མ་ཡིན་པའི་སྐད་གཞན་ཞིག་རྒྱབ་མཁན་ཁྱིམ་ཚང་ཚོ།
སློབ་གྲྭ་མ་ཡིན་པའི་ཉིན་རེའི་འཁོར་ཡུག་ནང་དབྱིན་སྐད་མ་ཡིན་པའི་སྐད་གཞན་ཞིག་རྒྱུན་དུ་རྒྱབ་མཁན་སློབ་ཕྲུག་ཚོ།


ངོས་འཛིན་བྱས་པའི་སློབ་ཕྲུག་རྣམས་དབྱིན་སྐད་ཐོག་བཤད་པ་དང་། ཉན་པ། ཀློག་པ། འབྲི་བ་བཅས་ཀྱི་སྩལ་ཇི་ཡོད་མངའ་སྡེས་ཆོག་
མཆན་ཡོད་པའི་ ACCESS for ELLs ཞེས་པའི་དཔྱད་ཞིབ་ཀྱིས་སློབ་ཕྲུག་གི་དབྱིན་སྐད་གནས་ཚད་ཇི་ཡོད་ངོས་འཛིན་བྱེད་ཀྱི་རེད།


དབྱིན་སྐད་ཞན་པའི་སློབ་ཕྲུག་གི་ཕ་མ་ཚོར་སློབ་གྲྭའི་ལོ་རེའི་ཡིག་རྒྱུགས་བཏང་བའི་་ཡར་རྒྱས་་རྒྱུགས་འབྲས་་དང་། དབྱིན་སྐད་གནས་ཚད།
ཤེས་ཡོན་ཡར་རྒྱས་གནས་སྟངས་སྙན་ཤོག་བཅས་ཁྲིམས་འབྲེལ་སློབ་གྲྭའི་རྫོང་ནས་གཏོང་དགོས།

ཕྱིར་འཐེན་དབྱད་གཞིའམ་ཆ་རྐེན།


སློབ་སྦྱོང་བྱེད་སའི་འཁོར་ཡུག་་འདྲ་མཚུངས་ནང་ལོ་དང་འཛིན་གྲྭ་སྤྱི་མཚུངས་ཡིན་པའི་ཡུལ་མིའི་དབྱིན་སྐད་རྒྱག་མཁན་སློབ་ཕྲུག་དང་དབྱིན་སྐད་
གཉིས་པར་འཛིན་པ་དང་སྐད་གཉིས་ཤེས་ཡོན་ནང་ཡོད་པའི་སློབ་ཕྲུག་ཚོའི་གནས་ཚད་གཅིག་པ་ཆགས་སྐབས་དབྱིན་སྐད་གཉིས་པར་འཛིན་པ་དང་སྐད་གཉིས་ཤེས་ཡོན་ ESL/Bilingual Education ལས་རིམ་གྱི་བྱ་གཞག་རྣམས་ཐོབ་ཀྱི་མ་རེད།


སློབ་ཕྲུག་གང་ཞིག་ལ་ Wisconsin DPI Level 6 ༼ད་ཆ་དབྱིན་སྐད་ཆ་ཚང་ཚད་ལོང་བ་༽ཐོབ་པའི་རྗེས་སུ་ལོ་གཉིས་རིང་དབྱིན་སྐད་
གཉིས་པར་འཛིན་པའི་རོགས་བསྐྱོར་མེད་པའི་ཐོག་ Monitor Status ༼ལྟ་རྟོགས་གནས་གཞི་༽ལེགས་པར་ཟིན་པའི་རྗེས་དབྱིན་སྐད་
གཉིས་པར་འཛིན་པའི་གནས་བབ་ལ་འགྱུར་བ་འགྲོ་ཡི་རེད། ཡང་སྙིང་ལོ་གཉིས་ཕྱིན་པའི་རྗེས་ལ་སློབ་ཕྲུག་གི་ཤེས་ཡོན་གོང་མཐོར་ཕྱིན་ཚེ་སློབ་
ཕྲུག་འདི་དབྱིན་སྐད་གཉིས་པར་འཛིན་པའི་ལས་གཞི་ནས་ཐོན་པ་རེད། ཕ་མ་ཚོར་ཡང་འགྱུར་བ་ཕྱིན་པ་འདི་སྐོར་བལྡ་ལན་སྤྲོད་ཀྱི་རེད།